设为首页 | 加入收藏
无标题文档
 
首页 | 新闻中心 | 图片新闻 | 党政领导 | 领导动态 | 媒体关注 | 党的建设 | 生态保护 | 特色旅游 | 民俗文化 | 民生关注 | 精神文明
 
  现在的位置: 果洛新闻网新闻中心
 
【汉藏双文】藏历金鼠新年贺信
来源:
发布时间: 2020-02-24 15:59:59
编辑: 周生吉

༄༅། །བོད་རབ་རྒྱན་ལྕགས་བྱི་ལོའི་ལོ་སར་གྱི་རྟེན་འབྲེལ་ཞུ་ཡིག

སྙིང་ཉེ་བའི་ཁུལ་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ།

  ལོ་ཟླའི་འཁོར་འགྲོས་ལས་རབ་བྱུང་གི་མགོ་ཚུགས་ཤིང་། རྒྱལ་ཡོངས་གོང་འོག་ཚང་མས་ཏོག་གསར་གློ་ཚད་འགོག་བཅོས་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་སྐབས།  མཛེས་སྡུག་ལྡན་པའི་རྨ་ཡུལ་རྩྭ་ཐང་དུ་བོད་རབ་རྒྱན་ལྕགས་བྱི་ལོའི་གནམ་ལོ་གསར་པ་བསུས། དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར་ངས་སེམས་གཏིང་ནས་ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་ཡིན།

འདས་ཟིན་པའི ༢༠༡༩ ལོར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱས་ཏེ། ཏན་ཏིག་གིས"འདུ་ཤེས་བཞི"ཇེ་དྲག་དང་། རང་རྟོགས་ཀྱིས"གདེང་ཚོད་བཞི"སྲ་བརྟན། "སྲུང་སྐྱོང་གཉིས" མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཤིང་། ཞིང་ཨུ་ཞིང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག   ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གསུམ་པ་བཞི་པ།  ཞིང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དྲུག་པ་བདུན་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་སྒོས།   "ཏན་ཏིག་བཞི"ཡི་བླང་བྱ་གལ་ཆེན་དང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མགོ་ལོག་ལས་དོན་ལ་བཏོན་པའི"བློ་བརྟན་འགྱུར་མེད་ལྔ"ཡི་བླང་བྱ། "ལེགས་གཅིག་མཐོ་གཉིས"ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་པ་ཡིན་ལ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་པ་བསྐྲུན་རྒྱུ་དེ་དམིགས་ཡུལ་དང་། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་འདོན་གནས།  མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་རྐང་འཛུགས་ས་བྱས་ཏེ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་ཤིང་། ཆུ་གློག་ལམ་དྲ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ལ་འཕེལ་རྒྱས་གསར་པ་བྱུང་། ཁོངས་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གསར་སྐྲུན་འཕེལ་རིམ་གསར་པར་ཐོན། ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས། སློབ་གསོ་སྨན་བཅོས་རིག་གནས་སོགས་སྤྱི་ཚོགས་བྱ་གཞག་ལ་འགྱུར་ལྡོག་གསར་པ་ཐོན། གནད་ཁེལ་དབུལ་ཐར"གཙང་ཐིག"གི་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་ཐུབ་པ་བཅས་མགོ་ལོག་གསར་པ་འཛུགས་སྐྲུན་གྱི་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད།  གྲུབ་འབྲས་འདི་དག་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་མཐུན་སྒྲིལ་འཆམ་མཐུན་དང་སེམས་ཤུགས་གཅིག་སྒྲིལ། གསར་གཏོད་སྲོལ་འབྱེད། དཀའ་སྤྱད་འབད་བརྩོན་བཅས་བྱས་པའི་འབྲས་བུ་ཡིན་ལ། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྤྱད་ངལ་རྩོལ་དང་རྔུལ་ཆུ་ལས་གྲུབ་པ་ཞིག་ཀྱང་ཡིན།

   ༢༠༢༠ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང"ལོ་ལྔའི་འཆར་འགོད་བཅུ་གསུམ་པ"མཇུག་བསྡུ་བའི་ལོ་ཡིན་ལ། མགོ་ལོག་སྒྱུར་འཕེལ་བརྟན་གསུམ་ཡོང་བའི་དུས་མཚམས་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"དུས་ཚོད་དམ་འཛིན་བྱས་ཏེ། ལང་ཚོ་ཆུད་ཟོས་མི་གཏོང"ཞེས་པའི་བཀའ་སློབ་ཡིད་ལ་བརྟན་པོར་བཟུང་ནས། སྔར་བས་རིམས་ནད་ལས་རྒྱལ་བའི་ཡིད་ཆེས་ཇེ་བརྟན་དང་སྔར་བས་མགོ་ལོག་འཕེལ་རྒྱས་ཀྱི་ཆོད་སེམས་ཇེ་བརྟན་སྒོས། ཤུགས་ཆེན་པོས་ཏང་གཅེས་རྒྱལ་གཅེས་དང་། སེམས་བཟང་བབ་ཆགས། མཐུན་སྒྲིལ་མཛའ་གཅིག  ལས་བརྩོན་ཡར་ཐོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། ཁྱོན་ཡོངས་ནས་ཞིང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དྲུག་པ་བདུན་པའི་དགོངས་དོན་ལག་བསྟར་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ལྟར། རྡོག་རྩ་གཅིག་སྒྲིལ་དང་ཧུར་ཐག་འབད་བརྩོན་སྒོས། མགོ་ལོག་ལ་དགའ་ཞེན་དང་མགོ་ལོག་འཛུགས་སྐྲུན། མགོ་ལོག་འཕེལ་རྒྱས་སུ་གཏོང་དགོས་ལ།   དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཁྲོད་སླར་ཡང་གྲུབ་འབྲས་བཟང་པོ་ཞིག་ལེན་དགོས།

སྙིང་ཉེ་བའི་བོད་རིགས་སྤུན་ཟླ་དང་གྲོགས་པོ་ལྷན་རྒྱས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་རིམས་འགོག་ཚོད་འཛིན་ཁྲོད་མགོ་ལོག་གི་གནས་མཆོག་ལ་སྲུང་སྐྱོང་ཐུབ་པ་ཡིན་མོད། འོན་ཀྱང་སྔར་བཞིན་དོགས་ཟོན་ལྷོད་མི་རུང་། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞིང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གཉིས་ཀྱིས་བཏོན་པའི"བདེ་ཐང་གི་ལོ་སར་རོལ་བ་དང་། དཔལ་ཡོན་གྱི་དུས་ཆེན་རོལ་བའི"སྐུལ་ཁྲིད་དེ་ཧུར་ཐག་གིས་དང་ལེན་བྱས་ཏེ། རིམས་འགོག་ཚོད་འཛིན་གྱི་སྤྱིའི་དམག་འཐབ་དང་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་ཐུབ་རྒྱུ་དེ་རེ་བ་ཡིན།

  མཐར། ཁུལ་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་བོད་རབ་རྒྱན་ལྕགས་བྱི་ལོའི་ལོ་གསར་བར་དགའ་བདེ་དཔལ་རོལ། བདེ་སྐྱིད་ཁམས་བཟང་། བཀྲ་ཤིས་བདེ་ལེགས་བཅས་ཀྱི་སྨོན་འདུན་ཞུས་པ་ཡིན།

ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁུལ་དཔོན་པད་རྒྱལ་བཀྲ་ཤིས།

༢༠༢༠ ལོའི་ཟླ ༢ ཚེས ༢༤ ཉིན། 

藏历金鼠新年贺信

亲爱的全州藏族同胞:

  岁月轮回,甲子伊始。在全国上下抗击新冠肺炎疫情取得阶段性胜利的时刻,美丽的玛域草原迎来了藏历金鼠新年。值此佳节来临之际,向大家致以衷心的节日问候和祝福!

  在过去的2019年我们坚定以习近平新时代中国特色社会主义思想为指导,切实增强“四个意识”、自觉坚定“四个自信”、坚决做到“两个维护”,在省委省政府坚强领导下,全面贯彻党的十九大、十九届二中三中四中全会和省委十三届五次六次七次全会精神,深入落实“四个扎扎实实”重大要求、省委书记王建军对果洛葡京真人开户“五个坚定不移”要求和“一优两高”战略部署,以建设富裕文明和谐美丽新果洛为目标,以推动地方经济社会发展为着力点,以提高各族群众福祉为落脚点,特色产业培育和发展取得新成绩,水电路网讯等基础设施得到新提升,全域无垃圾示范州创建有了新进展,生态保护和建设迈出新步伐,教育医疗文化等社会事业有了新变化,精准脱贫“清零”实现新突破,创建全国民族团结进步示范州,新果洛建设各项事业取得新的进步。这些成绩的取得,是全州各族干部群众团结和谐、齐心协力、开拓创新、艰苦奋斗的结果,凝聚着广大藏族同胞的辛勤劳动和汗水。

  2020年是全面建成小康社会和“十三五”规划收官之年,是果洛改革发展稳定的重要阶段。我们一定要牢记习近平总书记“只争朝夕,不负韶华”的嘱托,更加紧密地团结在以习近平同志为核心的党中央周围,更加坚定战胜疫情的信心,更加坚定果洛发展的决心,大力弘扬爱党爱国、善良淳朴、团结友爱、勤劳向上的传统美德,全面贯彻省委十三届五次六次七次全会精神,按照美高梅直营网址十二届八次全会作出的安排部署,团结一心,奋力拼搏,热爱果洛、建设果洛、发展果洛,在打赢脱贫攻坚战、生态环境保护、民族团结进步、维护社会和谐稳定中再创佳绩!

  亲爱的藏族同胞们、朋友们,经过全州广大干部群众共同努力,我们在疫情防控中守护了果洛净土,但仍不能放松警惕。希望广大藏族同胞积极响应省委书记王建军和省长刘宁“健康过年、文明过节”的倡导,打赢疫情防控总体战、阻击战。

  祝全州藏族同胞藏历铁鼠年新年快乐、幸福安康、扎西德勒!

中共和乐娱乐委书记    武玉嶂

果洛藏族自治州州长  白加扎西

2020年2月24日  

相关新闻↓
    [ 返回首页 ] [ 打印 ] [ 进入青新论坛 ] [ 关闭窗口 ]
   
 
 
主办:中共和乐娱乐委宣传部 技术支持:青海新闻网
果洛新闻网投稿邮箱:glnews2015@163.com